བཀོལ་སྤྱོད་ཆ་རྐྱེན།

སྐུ་ཉིད་སྨོན་ལམ་རིག་ནུས་དྲ་ཚིགས་ལ་ཕེབས་པར་དགའ་བསུ་ཞུ། སྨོན་ལམ་རིག་ནུས་སྤྱོད་མཁན་གྱིས་གཤམ་གྱི་ཆ་རྐྱེན་དོན་ཚན་ཁག་ལ་མོས་མཐུན་བྱེད་དགོས་པར་མ་ཟད། པར་ངོས་སུ་ཇི་ལྟར་བསྟན་དོན་བཞིན་ཐོ་འགོད་ཀྱི་འགྲོ་རིམ་ཆ་ཚང་བར་བསྒྲུབ་དགོས། སྤྱོད་མཁན་གྱིས་ཐོ་འགོད་བྱེད་པའི་གོ་རིམ་ཁྲོད་“མོས་མཐུན་”ཞེས་པའི་མཐེབ་གནོན་མནན་ཚེ། སྤྱོད་མཁན་དང་ཞིབ་འཇུག་ཁང་ཕྱོགས་གཉིས་ཀ་གྲོས་མཐུན་བྱུང་སྟེ། ཆ་རྐྱེན་འདིའི་དོན་ཚན་ཚང་མ་དང་ལེན་བྱས་ཟིན་པ་མཚོན།

༡༽ ངོ་སྤྲོད།

ཆ་རྐྱེན་འདི་དག་གིས་སྨོན་ལམ་བརྡ་འཕྲིན་གྱི་རིག་ནུས་དེ་དག་བེད་སྤྱོད་བྱེད་ཕྱོགས་ལ་སྟངས་འཛིན་བྱེད་ཀྱིན་ཡོད། དྲ་རྒྱའི་སྟེང་དུ་ཆ་རྐྱེན་གང་རུང་ཞིག་ལ་བསྐྱར་བཅོས་སམ་འགྱུར་བ་གཏོང་རྒྱུའི་དབང་ཆ་ཚང་མ་སྨོན་ལམ་བརྡ་འཕྲིན་ཞིབ་འཇུག་ཁང་ལ་ཡོད་པ་དུས་ནས་དུས་སུ་ཁྱེད་ལ་ཞུ་ངེས།

༢༽ རྒྱུ་ཆ་ཉར་ཚགས་དང་བཀོལ་སྤྱོད།

ཁྱེད་ཀྱིས་སྨོན་ལམ་རིག་ནུས་འདི་དག་བེད་སྤྱོད་གཏོང་ཚེ། རིག་ནུས་བཀོལ་སྤྱོད་གནང་བའི་རྒྱུ་ཆ་ཚང་མ་སྨོན་ལམ་བརྡ་འཕྲིན་ཞིབ་འཇུག་ཁང་ལ་ཉར་ཚགས་བྱ་རྒྱུའི་ཐོབ་དབང་ཆ་ཚང་ཡོད། སྨོན་ལམ་བརྡ་འཕྲིན་ཞིབ་འཇུག་ཁང་གི་ངོས་ནས་རྒྱུ་ཆ་དེ་དག་རིག་ནུས་སྦྱོང་བརྡར་ཁོ་ནར་མ་གཏོགས་བེད་སྤྱོད་གཏོང་གི་མིན།

༣༽ རྒྱུ་ཆ་ཉེན་སྲུང་།

སྨོན་ལམ་བརྡ་འཕྲིན་ཞིབ་འཇུག་ཁང་གིས་ཁྱེད་ཀྱི་རྒྱུ་ཆ་དེ་དག་ལ་ཆེ་མཐོང་དང་གུས་བརྩི་མཚོན་ཕྱིར་སྤྱི་སྒེར་གང་དུའང་ཕྱི་གྱར་མི་བྱེད་པའི་འགན་ལེན་དང་། ཉེན་སྲུང་བྱ་རྒྱུའི་དམ་བཅའ་བརྟན་པོ་ཡོད།

སྨོན་ལམ་བརྡ་འཕྲིན་ཞིབ་འཇུག་ཁང་ནས།

ཕྱི་ལོ་ ༢༠༢༣ ཟླ་བ་ ༡༡ པའི་ ༠༣ ཉིན།


Terms and Conditions

Welcome to MonlamAI. Please read these terms and conditions carefully before using our website and services. By accessing or using the service, you agree to be bound by these Terms. If you disagree with any part of the terms, then you may not access the service.

1. Introduction

These Terms and Conditions govern your use of the MonlamAI website and any associated services (the "Service") offered by MonlamAI. MonlamAI reserves the right to update, change, or replace any part of these Terms and Conditions by posting updates and changes to our website. It is your responsibility to check our website periodically for changes. Your continued use of or access to our website or the Service following the posting of any changes to these Terms and Conditions constitutes acceptance of those changes.

2. Data Collection and Use

By using MonlamAI's services, you agree that MonlamAI is entitled to collect and store data and information you submit or make available to our machine learning models. The nature of the data collected is explicit to the functioning of machine learning technologies, requiring inputs for improving and further developing the capabilities of our AI models.

3. Data Security

MonlamAI takes the security of your data very seriously and will use appropriate technical and organisational measures to protect your data from unauthorised disclosure or access.

We thank you for choosing MonlamAI.

Visit Home